当前位置: 首页> 爱听dj> 新歌||བོད་ཀྱི་ན་གཞོན་གཞས་པ་མཁར་གསེར་རྣམ་གཞས་གསར་བ།卡斯南江最新单曲【博热瑟】首发&
  • 新歌||བོད་ཀྱི་ན་གཞོན་གཞས་པ་མཁར་གསེར་རྣམ་གཞས་གསར་བ།卡斯南江最新单曲【博热瑟】首发&
  • 2022-05-12 07:27:44

  • MP3རོལ་དབྱངས།


    བོད་རེད་ཟེར

    རབ་དཀར་ཟེར།ཁ་བ་བོད་པ་བསམ་དཀར་རེད།བོད་རེད་ཟེར།ང་ཚོ་དགའ་ས་བོད་པ་རེད།

    ང་ཡི་མེས་པོ་རྣམས་ཀྱི་གསུང་པ་ལ།

    ཆོས་དང་རིག་གཞུང་ང་ཚོའི་གཅེས་ནོར་རེད།

    ཤ་ཁྲག་རུས་གསུམ་གང་གི་རྒྱུད།

    སེམས་ཀྱི་བསམ་པ་སུ་ལ་དཀར

    དམར་པོ་སྲོག་ལྟར་རང་གི་རིགས་ལ་དགའ།

    ཐོན་མི་བཀའ་དྲིན་ཅན་གྱི་མཛད་པ་ལ།

    རིགས་ཀྱི་བླ་སྲོག་ཡི་གེའི་ནོར་བུ་འཁྲུངས།

    རྒས་དར་གཞོན་གསུམ་ཚང་མ་ཡིས།

    ལས་ལ་སྙིང་རུས་སྤོབས་པ་བསྐྱེད།

    བློ་གྲོས་སྣང་བས་མུན་པ་བསལ།

    མགོ་ནག་བོད་ཀྱི་བསྟན་པ་དར།

    ལས་ཀྱི་དབུ་འཕངས་དགུང་ལས་མཐོ།

    གངས་ཕྲུག་ཚོ།

    རབ་དཀར་ཟེར།ཁ་བ་བོད་པ་བསམ་པ་བསམ་དཀར་རེད། བོད་རེད་ཟེར།ང་ཚོ་དགའ་ས་བོད་པ་རེད།

    ཕར་བལྟས་ན་སྲིད་པའི་ཡང་རྩེ་འཛམ་གླིང་རྒྱན།

    ས་མཐོ་རི་གཙང་གཅན་གཟན་རི་དྭགས་བག་ཡངས་རྒྱུ་ཞིང་མི་གཤིས་ཚུལ་ལྡན་བྱམས་དང་སྙིང་རྗེའི་བདག་པོ་བོད་པ་རེད།

    ནང་སེམས་ཀྱི་ཞི་བདེས་འགྲོ་ཀུན་མ་ལྟར་སྒོམ།

    ལས་ཀྱི་བསོད་ནམས་ཁ་ལས་རླུང་རྟ་རབ་ཏུ་དར་ནས་ཚེ་འདིའི་མི་ལུས་ཁ་བ་བོོད་ཀྱི་ཡུལ་དུ་སྐྱེས་པ་བཟང་།

    ཧེ།.བོད་པ་ཚོ།. བོད་པ་ཚོ།. བོད་པ་ཚོ།

    ཚེ་སྲོག་ལ་རིན་ཐང་དང་དོན་སྙིང་ལྡན་དགོས་ན།

    .བོད་པ་ཚོ།. བོད་པ་ཚོ།. བོད་པ་ཚོ།

    སེམས་བསམ་པ་མེས་པོ་རྣམས་ཀྱི་དཀྱིལ་ཆེན་པང་ལ་འཁོར།


    རྒས་དར་གཞོན་གསུམ་ཚང་མ་ཡིས།

    ལས་ལ་སྙིང་རུས་སྤོབས་པ་བསྐྱེད།

    བློ་གྲོས་སྣང་བས་མུན་པ་བསལ།

    མགོ་ནག་བོད་ཀྱི་བསྟན་པ་དར།

    ལས་ཀྱི་དབུ་འཕངས་དགུང་ལས་མཐོ།

    གངས་ཕྲུག་ཚོ།


    འདི༌མནན༌ནས༌མདུན༌གྲལ༌འཕྲིན༌སྟེགས༌དོ༌ཁུར༌བྱེད༌རོགས།

    འདི༌མནན༌ནས༌མདུན༌གྲལ༌འཕྲིན༌སྟེགས༌དོ༌ཁུར༌བྱེད༌རོགས།

    扫一扫关注前沿藏歌微信平台